College for Higher Tibetan Studies Leadership and Staff
༄༅། །རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷ་རམས་པ་བསམ་གཏན་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
སྤྱི་ལོ་ ༡༩༨༢ ལོར་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་མི་ལོ་བཅུ་གཅིག་ལྷག་རིང་རིགས་སློབ་ཁང་འདིའི་སྒྲིག་སྲོལ་བཞིན་འགོ་བསྡུས་གྲྭ་ནས་མངོན་པ་མཛོད་པར་གཞུང་ཆེན་རྣམས་ལ་སློབ་གཉེར་ཚུལ་བཞིན་གནང་ཏེ་སྤྱི་ལོ་ ༡༩༩༣ ལོར་སློབ་མཐར་ཕྱིན། སློབ་གཉེར་གནང་པའི་ལོ་ངོ་དེ་དག་གི་རིང་ལའང་དབུ་དགེ་དམ་པ་མཆོག་གི་བཀའ་དང་སློབ་གྲྭའི་སྒྲིག་ལམ་བཞིར་བཟུང་སློབ་གྲྭའི་ཚོགས་དྲུང་དང་དགེ་བསྐོས་དེ་བཞིན་འཛིན་གྲྭ་འོག་མ་འགའ་ལ་སུམ་རྟགས་ཁྲིད་རྒྱུས་མཚོན་རང་འཁྲི་ལས་འགན་ཆེ་ཕྲ་དུ་མ་ཞིག་བསྒྲུབས་གནང་མཛད།
སྤྱི་ལོ་ ༡༩༩༤ ལོ་དབུ་དགེ་དམ་པ་མཆོག་ནས་དགོངས་ཁྲོལ་གྱིས་དབྱིན་ཡུལ་དུ་ཟླ་དྲུག་རིང་དབྱིན་སྐད་སྦྱང་བའི་གོ་སྐབས་བྱུང་བ་མ་ཟད་དབུ་དགེ་དམ་པ་མཆོག་གིས་བཀའ་མངགས་བཞིན་ལོ་དེ་གར་སླར་ཡང་རིགས་སློབ་ཁང་དུ་ཡོང་སྟེ་༼དགེ་རྒན་འོས་སྦྱོང་བ་ སྐབས་གཉིས་པར་༽རྣམ་པར་སློབ་ཁྲིད་གནང་།
སྤྱི་ལོ་ ༡༩༩༥ ལོར་དབུ་དགེ་དམ་པ་མཆོག་ནས་དགེ་བཤེས་ལགས་སུ་ས་རཱ་མཐོ་སློབ་ཀྱི་ཐོག་མའི་སློབ་སྤྱིའི་ལས་འགན་ཁུར་དགོས་པའི་བཀའ་གནང་བ་བཞིན་ལོ་གཅིག་དང་ཕྱེད་ཀའི་རིང་མཐོ་སློབ་ཀྱི་སློབ་སྤྱིའི་བྱེད་སྒོ་གང་མཆིས་དབུ་དགེ་དམ་པ་མཆོག་གི་བཀའ་དང་སློབ་གྲྭའི་སྒྲིག་ལམ་གཞིར་བཟུང་དགེ་སློབ་ལས་རོགས་རྣམ་པའི་ཐུགས་རེ་རབ་ཏུ་བསྐངས་ཐུབ་པ་བྱུང་ཡོད།
སྤྱི་ལོ་ ༡༩༩༦ ཟླ་ ༦ པར་དབུ་དགེ་དམ་པ་མཆོག་ལ་དགོངས་ཞུས་ཀྱིས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ནས་དགོངས་པ་འཁྲོལ་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གདན་ས་ཆེན་པོ་དེ་གའི་སྒྲིག་སྲོལ་བཞིན་གཞུང་ཆེན་རྣམས་ལ་ལོ་ངོ་བརྒྱད་ལྷག་གི་རིང་སློབ་གཉེར་གནང་སྟེ་ལོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་སྤྱི་ལོ་ ༢༠༠༤ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པ་མ་ཟད་ ༢༠༠༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་རིང་གྲྭ་ཚང་དེ་ཉིད་ཀྱི་སྒྲིག་སྲོལ་བཞིན་ཟབ་མོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་སྦྱང་པ་གནང་སྟེ་བསྔགས་རམས་པའི་མཚན་གནས་བཞེས།
སྤྱི་ལོ་ ༢༠༠༦ ནས་ལོ་འགའི་རིང་དད་ལྡན་འགའི་རེ་སྐུལ་ལྟར་དབྱིན་ཡུལ་དང་ལྷོ་ཨ་ཧྥི་རི་ཀ་སོགས་ཡུལ་གྲུ་འགའ་ལ་ཕྱོགས་སྐྱོད་གནང་སྟེ་ནང་ཆོས་ངོ་སྤྲོད་གནང་།
སྤྱི་ལོ་ ༢༠༡༠ ལོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་ལུས་དམངས་ཀྱིས་འོས་ཤོག་གི་ལམ་ནས་གྲྭ་ཚང་དེ་གའི་འཛིན་སྐྱོང་ཁང་གི་ཕྱག་མཛོད་བགྲེས་པར་འདེམས་བསྐོས་བྱུང་བ་བཞིན་ཐུགས་འགན་བཞེས་ཏེ་ལོ་ངོ་གསུམ་གྱི་རིང་ལྷག་བསམ་ཟོལ་མེད་ཀྱིས་རང་ཁྲིའི་ལས་འགན་གང་ཅིར་འཐུས་ཤོར་མེད་པར་གནང་སྟེ་དབུ་ཆོས་རྣམས་གསུམ་གཙོས་དགེ་འདུན་མང་གི་ཐུགས་བློ་རབ་ཏུ་བསྐངས་ཏེ་ཐུགས་ཉེ་བའི་གསུང་གིས་བསྔགས་པ་ཐོབ།
སྤྱི་ལོ་ ༢༠༡༦ ལོར་སླར་ཡང་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་མང་གིས་འོས་ཤོག་གི་ལམ་ནས་གྲྭ་ཚང་དེ་གའི་མ་འོངས་འཛིན་སྐྱོང་ཁང་གི་འགན་འཛིན་གྱི་ལས་གནས་སུ་འདེམས་བསྐོས་གནང་བ་བཞིན་རང་ནུས་ཅི་ལྕོགས་ཀྱིས་ཐུགས་འཁུར་གནང་མུས་ལགས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
- Principal: Mr. Passang Tsering
- Vice Principal: Geshe Jigme Lodoe
- Accountant: Ven. Lobsang Tenpa
- Cashier: Geshe Pempa Tsering
- Secretary: Miss. Tenzin Minlay
Conventionally, a former student of the Institute of Buddhist Dialectics (IBD) is appointed as the Principal of the College of Higher Tibetan Studies at Sarah, and administers the College under the direction of the IBD Director. The Principal, assisted by the General Secretary, manages the academics and day-to-day functioning of the College. Major decisions relating to college administration are taken up by the IBD Board of Directors.
Mr. Passang Tsering was appointed to the post of principal in July 2017 after Geshe Jamphel Dakpa la’s retirement from the post. Mr. Passang Tsering was born in Tibet and received formal school education from Tibetan Children’s Village School, Dharamsala. In 1994 he took admission into Spicer Memorial College, Pune and pursued Bachelors of Arts with Geography as major subject and Computer Science as minor subject. In the year 1998 he joined the College for Higher Tibetan Studies, Sarah as secretary and in 2008-2009 he was selected to pursue further studies in the United States through the Tibetan Scholarship Program (also known as Fulbright Scholarship) and studies Education Leadership, Adult and Post-Secondary Education. He was promoted to the post of General Secretary in the year 2009 after returning from US.
Mr. Passang Tsering comes with years of dedicated service and rich experience in administration and leadership. He co-taught Tibetan culture and civilization to the visiting Emory University students and taught the same course to the Earlham College students in fall semester Tibetan Study abroad program for many years. Mr. Passang Tsering also travelled to Earlham college as visiting resident scholar and taught Tibetan culture and civilization for seven weeks.
Mr. Passang Tsering also serves as the governing body member of Sambhota Tibetan Schools Administration, Himachal since 2023.
College Academic Council
The College Academic Council is the highest statutory body determining the college curriculum. The Secretary of the Department of Education, Central Tibetan Administration or someone appointed by him serves as the chairman of the Council while the college principal serves as the secretary. Council members are appointed amongst reputed Tibetan scholars and college professors but the majority are scholars chosen from outside of the CHTS. The college academic council can initiate or approve changes in the curriculum.
College Academic cum Examination Council
The College Academic cum Examination Council is comprised of College professors and faculty members headed by the College Principal. The College Academic cum Examination Council determines rules and regulations relating to admission, examinations, appointment of new faculty members and changes in the curriculum, subject to approval by the College Academic Council.
College Administration Council
The College Academic Council headed by the College Principal, General Secretary, Cashier, Accountant and Secretary make decisions pertaining to daily administration; student, staff and faculty welfare, education, appointment of new staff members and general administrative decisions. However, the council defers to the IBD Board for the major decisions.
College Discipline Committee
The College Discipline Committee is an elected body composed of 2 faculty members, 1 administrative staff and the staff in charge of housing. This committee oversees student discipline and welfare. This committee works closely with student council members in maintaining college safety and the well being of the entire campus community.