དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད།

ཕྱི་ལོ་ ༢༠༠༣ ལོ་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་ལམ་སྟོན་འོག་རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་དབྱར་དུས་ཟླ་བ་གཅིག་རིང་བོད་ཡིག་ཟབ་ཁྲིད་དང་།

ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་དཔལ་ལྡན་ཆོས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་རྒྱ་གར་དང་ཨིན་ཇིའི་གཞི་རིམ་སློབ་གྲྭ་འགྲིམ་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་དབྱར་དགུན་སོ་སོར་བདུན་ཕྲག་གསུམ་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ཀྱི་སློབ་ཁྲིད་ཞུ་མུས།

ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཨ་རིའི་བོད་ཀྱི་ཐེབས་རྩེའི་མཐུན་འགྱུར་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་རིགས་སློབ་མ་མི་ཉུང་བ་ཞིག་ལ་དབྱར་དུས་བདུན་ཕྲག་ལྔའི་རིང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སློབ་ཁྲིད་གོ་སྒྲིག་ཞུ་མུས་ཡིན།

སློབ་ཁྲིད།

མཐོ་སློབ་ཏུ་གཙོ་བོ་བོད་ཀྱི་སྐད་ཡིག་དང་། ནང་པའི་ལྟ་གྲུབ། སྒོམ་སྒྲུབ། བོད་ཀྱི་རིག་གཞུང་དང་དཔལ་ཡོན། ལོ་རྒྱུས་བཅས་སློབ་ཁྲིད་བྱེད་ཀྱི་ཡོད།

ཕྱི་རྒྱལ་ནས་ཕེབས་མཁན་སློབ་ཕྲུག་རྣམས་ཀྱི་ཆེད།

བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ལ་མཉམ་ཞུགས་བྱེད་སྟངས།

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སྐོར་ལོ་ལྟར་ཟླ་ཤས་སྔོན་ཚུད་ནས་གསལ་བསྒྲགས་གནང་སྲོལ་ལྟར། གསལ་བསྒྲགས་ནང་གསལ་ཆ་རྐྱེན་ཚང་བ་རྣམས་ཀྱིས་འགེངས་ཤོག་བརྒྱངས་ཏེ། མཐོ་སློབ་ཏུ་ཡིག་འབྲེལ་གནང་དགོས་པ་ཡིན།

འགྲིམ་འགྲུལ་རོགས་རམ།

འདི་ག་མཐོ་སློབ་ཏུ་དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ལ་ཕེབས་མཁན་རྣམས་ཀྱིས། རྒྱ་གར་དུ་འགྲུལ་སྐྱོད་ཆོག་པའི་མཐོངས་མཆན་ཡིག་ཆ་དང་། ཕྱི་རྒྱལ་ཡུལ་གྲུ་གང་ཡིན་དེ་དང་དེ་ནས་ལྡི་ལིའི་གནམ་ཐང་བར་གྱི་འགྲུལ་བཞུད་འགྲོ་སྟངས་དོ་བདག་རང་ངོས་ནས་བཟོ་དགོས་པ་ཡིན། ལྡི་ལིའི་གནམ་ཐང་དུ་འབྱོར་མཚམས་འདི་གའི་མཐོ་སློབ་ཀྱི་ལས་བྱེད་ཆེད་དུ་བསུ་བར་ཡོང་མུསས་རཱ་མཐོ་སློབ་བར་མཉམ་ཁྲིད་རོགས་རམ་ཞུ་བཞིན་ཡོད། དེ་ཡང་གནམ་ཐང་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་བར་དང་། དེར་མཚན་གཅིག་ཞག་སྡོད། ཞག་སྡོད་སྐབས་མགྲོན་ཁང་ཁང་མིག་སློབ་ཕྲུག་གཞན་དང་མཉམ་སྤྱོད་བྱེད་རྒྱུ། ལྡི་ལི་ནས་མཐོ་སློབ་ཉེ་འཁྲིས་གཱ་གཱལ་བར་གྱི་སྤྱི་སྤྱོད་རླངས་འཁོར། གཱ་གཱལ་ནས་ས་རཱ་མཐོ་སློབ་བར་བསུ་རྒྱུ་བཅས་ཀྱི་འགྲོ་གྲོན་ཡོངས་རྫོགས་ལ་ཁྱོན་ཨ་སྒོར་ ༡༢༥ དོ་བདག་སློབ་ཕྲུག་རང་ངོས་ནས་གནང་དགོས་པ་ཡིན།

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་གྲུབ་སྟེ། སློབ་ཕྲུག་རྣམས་རང་གནས་སུ་ལོག་པའི་སྐབས་འདི་ག་མཐོ་སློབ་ནས་འགྲིམ་འགྲུལ་རོགས་རམ་ཞུ་གི་མེད་པས། དོ་བདག་གི་འབྲེལ་ཡོད་སྤུན་མཆེད་དམ། ཕ་མ། ཡང་ན་སློབ་ཕྲུག་རང་ངོས་ནས་འགྲོ་ལུགས་བཟོ་དགོས་པ་ཡིན།

ཞལ་ལག་མཐུན་རྐྱེན།

ཕྱི་རྒྱལ་ནས་ཕེབས་པའི་སློབ་ཕྲུག་དང་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་རྣམ་པའི་དབར་འབྲེལ་ལམ་དང་། སྐད་ཡིག་ཡར་རྒྱས། རིག་གཞུང་གོ་རྟོགས་ཡར་རྒྱས་ཡོང་བའི་དོན་དུ་སློབ་གྲྭའི་སྤྱི་ཐབ་ནང་སློབ་ཕྲུག་སྤྱི་ཡོངས་དང་མཉམ་དུ་ཞལ་ལག་མཆོད་དུ་ཐེངས་འགའ་ཞིག་ཕེབས་དགོས་པ་ལས་གཞན། དུས་རྒྱུན་རིག་གཞུང་ཟབ་ཁྲིད་ལ་ཕེབས་པའི་སློབ་ཕྲུག་རྣམས་ཀྱི་ཞལ་ལག་ལོགས་སུ་གོ་སྒྲིག་ཞུ་བཞིན་ཡོད།

ཤེས་ཡོན་སྐོར་བསྐྱོད།

རིག་གཞུང་ཟབ་ཁྲིད་ལ་ཕེབས་པའི་སློབ་ཕྲུག་རྣམས་ཀྱི་མཐོང་ཐོས་མྱོང་གོམས་གོང་སྤེལ་སླད། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། ༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་། དབུས་བོད་མིའི་སྒྲིག་འཛུགས། བོད་ཀྱི་དཔེ་མཛོད་ཁང་། སྨན་རྩིས་ཁང་། བོད་ཀྱི་ཟློས་གར། ནོར་བུ་གླིང་ཁ་བཅས་སུ་ལྟ་སྐོར་ལ་འཁྲིད་ཀྱི་ཡོད། ལྟ་སྐོར་ལ་བསྐྱོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་ཆོས་དང་། ཆབ་སྲིད། རིག་གཞུང་དང་འབྲེལ་བའི་གཏམ་བཤད་ཀྱང་གོ་སྒྲིག་ཞུ་བཞིན་ཡོད། གོ་སྐབས་ལེགས་པོ་བྱུང་བའི་ཚེ་་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཇལ་ཁ་དང་། དཔལ་ལྡན་སྲིད་སྐྱོང་དང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་བསྐྲུན་བཞིན་ཡོད།

གནས་སྐོར།

སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཤེས་ཡོན་གོ་རྟོགས་གོང་སྤེལ་སླད། སློབ་ཕྲུག་རྣམས་སྦིར་དཔལ་སྤུངས་ཤེས་རབ་གླིང་གི་དགོན་པ་དང་། བཀྲ་ཤིས་ལྗོངས་ཁམས་པ་སྒར། རྫོང་གསར་བཤད་གྲྭ། མཚོ་པདྨ་བཅས་སུ་གནས་སྐོར་དང་། སྦིར་བོད་མིའི་གཞིས་ཆགས་སུའང་ལྟ་སྐོར་ལ་ཁྲིད་ཀྱི་ཡོད།

སློབ་ཡོན།

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་རིང་གི་སློབ་ཡོན་ནི། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོན་གཉེར་ལྡན་པ་རྣམས་ཀྱི་ཆེད་གཅོག་ཆ་ཧ་ཅང་ཆེན་པོ་བྱས་ཏེ་ཨ་སྒོར་ ༥༢༥ ལས་ལེན་གྱི་མེད། སློབ་ཡོན་འདིའི་ཁོངས་སུ། སྡོད་གནས་དང་། སློབ་ཡོན། ཟས་རིན་བཅས་ཚུད་ཡོད།



Mr. Passang Tsering
Principal College for Higher Tibetan Studies
P.O. Sarah, DharamsalaDistt. Kangra – 176215 (H.P.) India
+91 9805914071
www.chts.inprincipal@chts.in

Tenzing Choephel
Program Director Tibetan Scholarship Program
The Tibet Fund241 E. 32nd Street
New York, NY 10016 (USA)
212.213.5011 x15
www.tibetfund.org
tchoephel@tibetfund.org 

Registration Form and Program Fee to mailed to:

The Tibet Fund

(IBD -TTF Summer Tibetan Study Program)

Attn: Tenzing Choephel, Program Director

241 East, 32 Street

New York, NY 10016

Note: Online Payments can be made at www.tibetfund.org and digital copy of application should be e-mailed to tchoephel@tibetfund.org (Online payments via Paypal and Credit Card, please include an additional $25 administrative fee over the program fee.) Should you have any questions regarding the payments, please call the Tibet Fund at 212-213-5011.

**Please download to access the 2023 Summer Tibetan Study Program Registration Form**

2023 Registration Form