
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་ཚན་དང་། རིག་གཞུང་སྦྱོང་བརྡར་གྱི་གོ་སྐབས་འབུལ་བཞིན་ཡོད།
མཐོ་སློབ་ཏུ་འཛུལ་ཞུགས་འགེངས་ཤོག་འདི་ནས་ཕབ་ལེན་གྱིས་བསྐངས་ཏེ་མཐོ་སློབ་ཡིག་ཚང་དུ་བསྐུར་དགོས།
སློབ་ཚན་ཁག །
བོད་ཡིག་འགོ་འཛུགས་སློབ་ཚན།
- དུས་ཡུན། ཟླ་བ་ ༡༠།(ཕྱི་ཟླ་ ༧ ནས་ལོ་རྗེས་མའི་ཟླ་ ༤ བར།)
- སྔོན་འགྲོའི་ཆ་རྐྱེན་མི་དགོས་པར་བོད་ཀྱི་སྐད་ཡིག་རྨང་གཞི་ནས་འགོ་འཛུགས་བྱེད་ཀྱི་ཡོད།
ཕྱི་རྒྱལ་སློབ་ཕྲུག་གི་མཐོང་མཆན།
- སློབ་གཉེར་མཐོང་མཆན་(S3) ངེས་པར་དུ་དགོས།
- ཐོག་མའི་མཐོང་མཆན་སོ་སོའི་རྒྱལ་ཁབ་ནང་ཆགས་པའི་རྒྱ་གར་གཞུང་ཚབ་ལས་ཁུངས་ནས་ལེན་དགོས།
འཛིན་གྲྭའི་ཆ་རྐྱེན།
- ངེས་བཅར་བརྒྱ་ཆ་ ༧༠།
- ཉིན་རེར་འཛིན་གྲྭའི་དུས་ཚོད་ཆུ་ཚོད་ ༢།
- སློབ་དུས་དང་པོའི་རིང་ཉིན་རྒྱབ་སྐད་ཡིག་མྱུར་སྦྱོང་ལས་རིམ་ནང་ངེས་པར་ཞུགས་དགོས། མྱུར་སྦྱོང་ནང་འབྲི་ཀློག་ཉན་བཤད་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད།
- ཉིན་རེར་ཚོགས་ཐུན་རེར་སྒོར་ ༢༠༠ བརྩིས་ཚོགས་ཐུན་གཉིས་ལ་སྒོར་ ༤༠༠ ཡིན།
འབྲིང་རིམ་བོད་ཡིག་དང་ནང་ཆོས་སློབ་ཚན།
- བོད་ཡིག་བརྡ་སྤྲོད་ངོ་སྤྲོད། (གཟའ་ཟླ་བ་ནས་པ་སངས་བར།)
- འབྲི་ཀློག ། (གཟའ་མིག་དམར་དང་། ཕུར་བུ།)
- བོད་ཀྱི་ཆོས་ལུགས་རིག་གཞུང་སྐོར་སློབ་ཁྲིད། (གཟའ་ཟླ་བ་ནས་པ་སངས་བར།)
- ནང་པའི་ཚན་རིག་དང་ལྟ་གྲུབ་ངོ་སྤྲོད། (གཟའ་ཟླ་བ་དང་། ལྷག་པ། པ་སངས།)
མཐར་ཕྱིན་ཆ་རྐྱེན།
- ཡུ་རོབ་སྤྱི་མཐུན་གྱི་སྐད་ཡིག་གནས་ཚད་གཞིར་བཟུང་བོད་ཡིག་རྒྱུགས་ཚད་ལོན་དགོས།
སློབ་ཡོན་གྱི་གནས་སྟངས། (༢༠༢༤ ཟླ་༧ ནས་འགོ་འཛུགས།)
ཟླ་རེའི་གཞི་རྩའི་འགྲོ་གྲོན་སྒོར་མོ་ ༧,༥༠༠ ནང་གཤམ་གསལ་རྣམས་ཚུད་ཡོད།
- མི་གཉིས་ཤོང་བའི་ཉལ་ཁང་དང་སྤྱི་པའི་གསང་སྤྱོད།
- སྤྱི་ཐབ་ནང་དུས་གསུམ་གྱི་ཞལ་ལག །
- སློབ་ཡོན།
ཟུར་ཆས་དང་དམིགས་བསལ་ཐོབ་ཐང་།
- ངེས་པར་དགོས་པའི་སྐད་ཡིག་མྱུར་སྦྱོང་ལས་རིམ། ཚོགས་ཐུན་རེར་(ཆུ་ཚོད་༡)སྒོར་མོ་ ༢༠༠།
- རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་གྱི་སློབ་ཕྲུག་ལ་སློབ་ཡོན་བརྒྱ་ཆ་༢༥ ཆག་ཡང་ཡོད།
- གསང་སྤྱོད་མཉམ་འབྱར་གྱི་ཉལ་ཁང་རིན་གོང་འོག་ཏུ་གསལ།
- ཐོ་འགོད་སྒོར་མོ་ ༥༠༠ (མཐོ་སློབ་ཏུ་འབྱོར་ནས་སྤྲོད་དགོས།)
བོད་རིགས་སློབ་ཕྲུག་གི་དམིགས་བསལ་ཐོབ་ཐང་།
- ལོ་འཁོར་མའི་རིང་འཛུལ་ཞུགས་ཆོག །
- སྡོད་དུས་ཉུང་མཐའི་ཚད་གཞི་མེད།
- དགོས་དབང་གིས་སློབ་གྲྭ་ནས་ཐོན་ཆོག །
བོད་རིགས་མིན་པའི་ཕྱི་རྒྱལ་སློབ་ཕྲུག །
- ཉུང་མཐར་ཟླ་བ་གསུམ་སྡོད་དགོས།
- སྔ་ཐོན་བྱེད་མཁན་ལ་སློབ་ཡོན་ཕྱིར་སློག་བྱེད་ཀྱི་མེད།
- ཟླ་བ་གསུམ་གྱི་སློབ་ཡོན་སྔོན་ཚུད་ནས་སྤྲོད་དགོས།
སྙན་ཞུ་འབུལ་སྟངས།
- འཛུལ་ཞུགས་འགེངས་ཤོག་ཕབ་ལེན་བྱས་ཏེ་བཀང་རྗེས་གློག་འཕྲིན་བརྒྱུད་གཤམ་གསལ་ཁ་བྱང་ཐོག་གཏོང་དགོས།
- principal@chts.in འམ་ཡང་ན་ chts.sarah@gmail.com
- ལོ་འཁོར་མོའི་རིང་སྙན་ཞུ་འབུལ་ཆོག །
- ཕྱི་ཟླ་ ༡ ཟླ་སྨད་དུ་སློབ་འཇུག་ཐག་གཅོད་བྱེད་ཀྱི་ཡོད།
- སྔོན་འབྱོར་སྔོན་བསྡུའི་ལམ་ནས་སློབ་ཞུགས་གོ་སྐབས་འབུལ་བཞིན་ཡོད།

ཁང་གླའི་སྐོར།


