ཞལ་འདེབས་རོགས་སྐྱོར།

གཏོང་སེམས་ལྷག་བསམ་ལྡན་པའི་འབྲེལ་ཡོད་རྣམ་པར་ཞུ་རྒྱུར།

ད་ལྟ་ནི་རྒྱ་ནག་དམར་པོའི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་སྣུམ་ཟད་ཀྱི་མར་མེ་ལྟར་ཉམ་རྒུད་ཤུགས་ཆེ་འགྲོ་བཞིན་པ་དང་། བཙན་བྱོལ་ནང་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་བོད་ཕྲུག་གི་གྲངས་འབོར་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་དུས་སྐབས་ཧ་ཅང་ཛ་དྲག་ཅིག་ཡིན་པས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་ཕྱོགས་གང་ས་ནས་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་དུས་སྐབས་ཤིག་ཡིན་པས། གནའ་དེང་གི་ཤེས་ཡོན་ལྡན་པ་རྣམས་ཀྱིས་ཤེས་ཡོན་གྱི་ལམ་ནས་ཆོས་རིག་འཛིན་སྐྱོང་བྱ་རྒྱུ་དང་། རྒྱུ་འབྱོར་ལྷག་བསམ་ལྡན་པ་རྣམས་ཀྱིས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཏེ་ཆོས་རིག་འཛིན་སྐྱོང་བྱེད་དགོས་པ་ཡིན། མཐོ་སློབ་འདིར་བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག །རྒྱལ་རབས། ནང་དོན་རིག་པ་བཅས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་ལྟར། བཙན་བྱོལ་ནང་བོད་ཀྱི་རིག་གནས་ཁོ་ནར་ཆེད་སྦྱོང་བྱ་ཡུལ་གྱི་མཐོ་སློབ་གཅིག་རང་ཡོད་པ་ནི་ས་རཱ་བོད་ཀྱི་མཐོ་སློབ་འདི་ཉིད་ཡིན།

དེས་ན་བོད་ཀྱི་ཆོས་རིག་ལ་དགའ་གུས་གཅེས་སེམས་ལྡན་པ་རྣམས་ཀྱིས། མཐོ་སློབ་འདིའི་སློབ་གཉེར་བ་རྣམས་ཀྱི་སློབ་ཡོན་དང་། དཔེ་མཛོད་ཁང་གི་དཔེ་དེབ་མཁོ་སྒྲུབ། དཔེ་དེབ་དཔར་བསྐྲུན། འཛུགས་སྐྲུན་གྱི་མཐུན་རྐྱེན་སོགས་ལ་སྨན་སླད་ཞལ་འདེབས་གནང་འདུན་ཡོད་ན་གཤམ་གསལ་དངུལ་ཁང་བརྒྱུད་གནང་སྐྱབས་ཡོང་བ་ཞུ་རྒྱུ་དང་། ད་ལྟའི་བར་འདི་ནས་སློབ་ཐོན་བྱུང་བའི་རང་རིགས་ན་གཞོན་དང་། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་སློབ་གཉེར་བ་རྣམས་ཀྱིས་ཕྱི་ནང་སྤྱི་ཚོགས་སུ། སྲི་ཞུའི་ལས་བྱེད་དང་། དགེ་རྒན། གསར་འགོད་པ། རྩོམ་པ་པོ། ཞིབ་འཇུག་པ། སྐད་སྒྱུར་བ། ལས་འགུལ་གྱི་སྣེ་ཁྲིད་པ་སོགས་ལས་རིགས་སྣ་ཚོགས་ལ་ཞུགས་ཏེ། སྤྱི་སྒེར་གཉིས་ཀར་ཕན་ནུས་ལྡན་པའི་བྱས་རྗེས་བཞག་དང་འཇོག་བཞིན་པར་གཟིགས་ན། ཁྱེད་ཀྱི་ཞལ་འདེབས་གནང་བ་རྣམས་ཆུད་ཟོས་སུ་མི་འགྲོ་བའི་ངེས་པ་རྙེད་ནུས།


༡། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཡོན་ཟླ་རེར་ཨ་སྒོར་ ༦༥།

༢། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཟླ་རེར་ཨ་སྒོར་ ༡༠༠།

ཕྱི་རྒྱལ་ཁག་ནས་ཞལ་འདེབས་གནང་ཡུལ་དངུལ་ཁང་ཨང་།

Name of the BankState Bank of India
BranchNew Delhi
Bank code number00691
Bank Account No.40090094802
Name of the accountInstitute of Buddhist Dialectics
Dharamsala SWIFT No.SBININBB104
IFSC CodeSBIN0000691

རྒྱ་གར་ནང་ཁུལ་ནས་ཞལ་འདེབས་གནང་ཡུལ་དངུལ་ཁང་ཨང་།

Name of the BankPunjab National Bank
BranchGaggal
Bank code number067800
Bank Account No.0678000100156529
Name of the accountInstitute of Buddhist Dialectics
Dharamsala SWIFT No.
IFSC CodePUNB0067800


ཞལ་འདེབས་འབུལ་ཐབས་སྐོར་དྲི་བ་ཡོད་ཚེ་གློག་འཕྲིན་སོགས་བརྒྱུད་ནས་ང་ཚོར་འབྲེལ་བ་གནང་རོགས།

Institute Address for Foreign Transactions:
Institute of Buddhist Dialectics
P.O. McLeod Ganj, Dharmsala
District Kangra – 176219
Himachal Pradesh
India